མངའ་རིས་ས་ཁུལ་གྱིས་སྒྲིག་འགལ་ངང་ཡུལ་གཞན་དུ་ཁྲིམས་བསྟར་བྱེད་པ་དང་། ཁེ་འབབ་རང་བཞིན་གྱི་ཁྲིམས་བསྟར་བྱེད་པ། དེ་བཞིན་གང་བྱུང་དུ་གྲོན་དངུལ་བསྡུ་
བ་དང་། གང་བྱུང་དུ་དངུལ་ཆད་གཅོད་པ། གང་བྱུང་དུ་ཞིབ་བཤེར་བྱེད་པ།
གང་བྱུང་དུ་སྒོ་ཐེལ་རྒྱག་པ་སོགས་ཀྱི་གནད་དོན་ཐད་ལ་གཅིག་སྡུད་
ཐོག་བཅོས་སྒྲིག་བྱེད་རྒྱུའི་སྐོར་གྱི་སྤྱི་བསྒྲགས།
མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱ་ཆེད། ཀྲུང་དབྱང་དང་། རང་སྐྱོང་ལྗོངས། ས་ཁུལ་བཅས་ཀྱི་འབྲེལ་ཡོད་ལས་ཀའི་བླང་བྱ་གཞིར་བཟུང་། སྒྲིག་འགལ་ངང་ཡུལ་གཞན་དུ་ཁྲིམས་བསྟར་བྱེད་པ་དང་། ཁེ་འབབ་རང་བཞིན་གྱི་ཁྲིམས་བསྟར་བྱེད་པ། གང་བྱུང་དུ་གྲོན་དངུལ་བསྡུ་བ་དང་། གང་བྱུང་དུ་དངུལ་ཆད་གཅོད་པ། གང་བྱུང་དུ་ཞིབ་བཤེར་བྱེད་པ། གང་བྱུང་དུ་སྒོ་ཐེལ་རྒྱག་པ་སོགས་ཀྱི་གནད་དོན་ཐད་ལ་གཅིག་སྡུད་ཐོག་བཅོས་སྒྲིག་བྱ་རྒྱུ་ཡིན་པས། རྒྱ་ཆེའི་མི་དམངས་མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་གིས་ལྟ་སྐུལ་དང་ཐེར་འདོན་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།
དང་པོ། གནད་དོན་ཁུངས་སྣེ་ཐེར་འདོན་བྱེད་པའི་ནང་དོན་གཙོ་བོ།
གཅིག སྒྲིག་འགལ་ངང་ཡུལ་གཞན་དུ་ཁྲིམས་བསྟར་བྱེད་པའི་གནད་དོན། བདག་ཁོངས་དབང་ཆ་མེད་པའམ་ཡང་ན་ཁྲིམས་བཀོད་གོ་རིམ་མ་བརྒྱུད་པར་རང་སྣང་གིས་མངའ་ཁོངས་ལས་བརྒལ་ཏེ་ཁྲིམས་བསྟར་བྱེད་པ་དང་། ཁྲིམས་བསྟར་དབང་ཆ་གང་བྱུང་དུ་སྤྱད་དེ་རྒྱུན་གཏན་གྱི་དཔལ་འབྱོར་བྱེད་སྒོར་ཐེ་གཏོགས་དང་བཀག་འགོག་བྱེད་པ་སོགས་ཀྱི་གནད་དོན།
གཉིས། ཁེ་འབབ་རང་བཞིན་གྱི་ཁྲིམས་བསྟར་བྱེད་པའི་གནད་དོན། དངུལ་ཆད་གཅོད་པ་དང་དངུལ་བསྡུ་བ། ཡོང་འབབ་གསར་གཏོད་བཅས་དམིགས་ཡུལ་དུ་འཛིན་ནས་ཁྲིམས་བསྟར་བྱེད་པའི་བྱ་སྤྱོད། དེ་བཞིན་ཆད་གཅོད་དང་གཞུང་བཞེས་ཀྱི་དམིགས་ཚད་དང་། ཁྲིམས་བསྟར་གྲངས་འབོར་གྱི་དཔྱད་ཞིབ་དམིགས་ཚད། ཁྲལ་མིན་ཡོང་འབབ་ཀྱི་ལས་འགན་སོགས་གཤམ་སྤྲོད་བྱེད་པའམ་ཡང་ན་རྣམ་པ་འགྱུར་བའི་སྒོ་ནས་གཤམ་སྤྲོད་བྱེད་པ་སོགས་ཀྱི་གནད་དོན།
གསུམ། གང་བྱུང་དུ་གྲོན་དངུལ་བསྡུ་བའི་གནད་དོན། རང་སྣང་གིས་གྲོན་དངུལ་བསྡུ་བའི་རྣམ་གྲངས་འཛུགས་པ་དང་། གྲོན་དངུལ་བསྡུ་བའི་ཚད་གཞི་མཐོ་རུ་གཏོང་བ། གྲོན་དངུལ་བསྡུ་བའི་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བ་སོགས་ཀྱི་གནད་དོན།
བཞི། གང་བྱུང་དུ་དངུལ་ཆད་གཅོད་པའི་གནད་དོན། གཞི་འཛིན་ས་མེད་པར་ཆད་པ་གཅོད་པ་དང་། རང་དབང་གཅོད་འཇལ་དབང་ཆ་གང་བྱུང་དུ་སྤྱད་དེ་ཚད་གཞི་ལས་བརྒལ་བའི་ཆད་པ་གཅོད་པ། གདམ་གསེས་རང་བཞིན་གྱི་ཆད་པ་གཅོད་པ་སོགས་ཀྱི་གནད་དོན།
ལྔ། གང་བྱུང་དུ་ཞིབ་བཤེར་བྱེད་པའི་གནད་དོན། བསྐྱར་ཟློས་ངང་ཞིབ་བཤེར་བྱེད་པ་དང་། སྣེ་མང་གི་ཞིབ་བཤེར་བྱེད་པ། རང་དགར་ཞིབ་བཤེར་བྱེད་པ། རང་འདོད་ཀྱི་ཞིབ་བཤེར་བྱེད་པ། འགུལ་སྐྱོད་རྣམ་པའི་སྒོ་ནས་ཞིབ་བཤེར་བྱེད་པ་སོགས་ཀྱི་གནད་དོན།
དྲུག གང་བྱུང་དུ་སྒོ་ཐེལ་རྒྱག་པའི་གནད་དོན། ཁྱབ་ཁོངས་ལས་བརྒལ་བ་དང་། དུས་བཀག་ལས་བརྒལ་ཏེ་གང་བྱུང་དུ་སྒོ་ཐེལ་རྒྱག་པ་དང་རྒྱུ་ནོར་བཙན་ཉར་བྱས་ནས་དོ་བདག་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བ་སོགས་ཀྱི་གནད་དོན།
བདུན། སྲིད་འཛིན་ཁྲིམས་བསྟར་ཐད་ལྷག་པའི་གནད་དོན་མངོན་གསལ་ཅན་གཞན་དག བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ། སྲིད་འཛིན་ཚད་ལྡན་རང་བཞིན་བཅས་ཀྱི་ཡིག་ཆའི་ནང་གཏན་འབེབས་བྱས་པའི་སྲིད་འཛིན་ཁྲིམས་བསྟར་བྱ་རྒྱུ་དོན་ཐོག་ཏུ་མ་འཁྱོལ་བ་དང་། སྲིད་འཛིན་ཁྲིམས་བསྟར་གྱི་བྱེད་པ་པོ་དང་། དབང་ཚད། གོ་རིམ་བཅས་ཁྲིམས་དང་མི་མཐུན་པ། སྲིད་འཛིན་ཁྲིམས་བསྟར་གྱི་གཏན་འབེབས་ཁྲིམས་དང་མི་མཐུན་པའམ་ཡང་ན་འོས་འཚམ་མིན་པ། སྲིད་འཛིན་ཁྲིམས་བསྟར་གྱི་འགན་འཁྲིའི་ལམ་ལུགས་དང་འགན་འཁྲི་ལག་བསྟར་མི་བྱེད་པའམ་ཡང་ན་ལག་བསྟར་ཡང་དག་མི་བྱེད་པ། ཚུལ་མཐུན་མིན་པའི་སྒོ་ནས་ཁྲིམས་བསྟར་བྱེད་པ། སྲིད་འཛིན་ཁྲིམས་བསྟར་མི་སྣས་ལག་ཁྱེར་མ་སྟོན་པའམ་ཡང་ན་ལག་ཁྱེར་མེད་པར་ཁྲིམས་བསྟར་བྱེད་པ་དང་དེ་བཞིན་ཁྲིམས་བསྟར་གཞོགས་འདེགས་མི་སྣ་ཁེར་རྐྱང་གིས་ཁྲིམས་བསྟར་བྱེད་པ། གཏན་འབེབས་ལྟར་མི་གཉིས་ཡན་གྱིས་ཁྲིམས་བསྟར་མི་བྱེད་པ། སྲིད་འཛིན་ཁྲིམས་བསྟར་གཅོད་འཇལ་དབང་ཆའི་གཞི་རྩའི་ལམ་ལུགས་དང་“ལམ་ལུགས་ཁག་གསུམ་”དོན་ཐོག་ཏུ་མི་འཁྱོལ་བ། སྲིད་འཛིན་ཁྲིམས་བསྟར་དང་ཉེས་དོན་ཁྲིམས་འཛིན་གཉིས་ཀྱི་སྦྲེལ་མཐུད་ལམ་སྲོལ་ལག་བསྟར་བྱེད་རྒྱུ་དོན་ཐོག་ཏུ་མི་འཁྱོལ་བ་སོགས་ཀྱི་གནད་དོན།
གཉིས་པ། གནད་དོན་གྱི་ཁུངས་སྣེ་ཐེར་འདོན་བྱེད་སྟངས།
གཅིག ཐད་འབྲེལ་ཁ་པར། ༡༢༣༤༥སྲིད་དོན་ཞབས་ཞུའི་ཐད་འབྲེལ་ཁ་པར།
གཉིས། འབྲེལ་གཏུག་ཁ་པར། ༠༨༩༧—༢༩༠༡༠༣༩
གསུམ། འཕྲིན་ཡིག(འཕྲིན་གཏོང་ས་གནས) བོད་ལྗོངས་མངའ་རིས་ས་ཁུལ་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་ཧྲའན་ཞིའི་ལམ་ཨང་༦༨ས་ཁུལ་ཁྲིམས་འཛིན་ཁྲུའུ་སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་ཁོའོ།
བཞི། གློག་རྡུལ་སྦྲག་ཡིག alxzfz@163.com
གསུམ་པ། དོ་སྣང་བྱ་དགོས་པའི་དོན་ཚན།
གཅིག སྤྱི་དམངས་དང་། ཁྲིམས་མི། རྩ་འཛུགས་གཞན་དག་བཅས་ཀྱིས་ལྟ་སྐུལ་དང་ཐེར་འདོན་བྱེད་སྐབས། བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུས་ཏེ་དོན་དངོས་དང་མཐུན་ཞིང་བདེན་པ་བདེན་ཐུག་ངང་ནས་གནད་དོན་གསལ་ཞུ་བྱེད་རྒྱུ།
གཉིས། གཙོ་བོ་ནི་སྲིད་འཛིན་ཁྲིམས་བསྟར་མངའ་ཁོངས་ཀྱི་གནད་དོན་མངོན་གསལ་ཅན་ཁ་པར་དང་འཕྲིན་ཡིག་ཐོག་ནས་བདག་སྤྲོད་བྱེད་རྒྱུ་དང་། དེ་མིན་གྱི་གནད་དོན་གཞན་རྣམས་ཐད་ཀར་འབྲེལ་ཡོད་འགན་འཁུར་ཚན་པར་གསལ་ཞུ་བྱེད་རྒྱུ།
གསུམ། གནད་དོན་གསལ་ཞུ་བྱེད་པའམ་ཡང་ན་ཁུངས་སྣེ་འདོན་སྤྲོད་བྱེད་སྐབས། དུས་ཐོག་ཏུ་ཞིབ་བསྡུར་དང་སྒྲུབ་གཉེར་བྱ་ཆེད། གནད་དོན་བྱུང་སའི་དུས་ཚོད་དང་། ས་གནས། བྱ་ཡུལ། རྒྱུ་རྐྱེན་གཙོ་བོ། དེ་བཞིན་འབྲེལ་གཏུག་ཁ་པར་བཅས་ཁ་གསལ་བཤད་དགོས་པ་ལས་རྫུན་བཟོ་དང་། སྒྲོ་འདོགས་། དོན་དངོས་རྫུན་བཟོ་བཅས་བྱེད་མི་རུང་ལ། ཐེར་འདོན་གྱི་མིང་ཐོག་ནས་མི་གཞན་ལ་བསྙོན་འཛུགས་ཞུ་སྦྱོར་དང་མ་ཉེས་ཁག་གཡོགས་ཀྱང་བྱེད་མི་ཆོག
བཞི། གནད་དོན་གྱི་ཁུངས་སྣེ་བདག་སྤྲོད་བྱེད་རིང་། བདག་སྤྲོད་བྱེད་མཁན་ཚན་པའམ་ཡང་ན་དེའི་ལས་དོན་མི་སྣས་ཁྲིམས་ལྟར་ཁུངས་སྣེ་འདོན་སྤྲོད་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ནན་པོ་བྱེད་པ་མ་ཟད་འབྲེལ་ཡོད་ཀྱི་ཆ་འཕྲིན་དང་གསང་དོན་དམ་སྲུང་བྱེད་རྒྱུ།
མངའ་རིས་ས་ཁུལ་སྲིད་ཧྲུའུ་སྲིད་འཛིན་ཁྲིམས་བསྟར་མཐུན་སྦྱོར་ལྟ་སྐུལ་གཞུང་ལས་ཁང་།
༢༠༢༥ལོའི་ཟླ་༤ཚེས་༨ཉིན།